དེའི་རྗེས་སུ་རྒྱ་གར་དུ་ལྟ་སྐོར་ཤེས་ཡོན་དུ་ཕྱིན་པའི་མཐར། སྤུ་ན་ཁ་ངེས་དོན་ཡངས་པའི་ཞིང་ཁམས་སྒྲུབ་སྡེ་ནང་གྲུབ་དབང་ཀརྨ་འགྱུར་མེད་ཀྱི་སྐུ་མདུན་ནས་ཕྱག་རྒྱ་ཆེན་པོ་དང་ནཱ་རོའི་ཆོས་དྲུག་ལ་སོགས་པའི་གདམས་ངག་ཞུས་པའི་ཐོག་ལོ་གསུམ་ཕྱོགས་གསུམ་གྱི་སྒྲུབ་པ་ལ་གཞོལ་ནས་རྣལ་འབྱོར་ཆུང་ངུའི་ཉམས་ལེན་ལ་སྒོམ་སྒྲུབ་བྱས་ཡོདཔ་ཨིན།